Ama La

སེང་གེ་གངས་ལ་འཁོར་བ།
གངས་ཀྱི་བཀའ་དྲིན་ཡིན་ནོ།
གངས་ཆུ་ཐུར་ལ་བབ་དུས།
སེང་གེ་སྐྱོ་ནས་ལུས་སོང་།
བུ་ང་བདེ་པོ་ཡིན་པ།
ཨ་མ་ཁྱེད་ཀྱི་དྲིན་ཡིན།
ཨ་མ་མ་བརྗེད་སེམས་ནང་ཡོད།
ང་མ་ཤི་ཚེ་རིང་བྱུང་ན།
བུ་ངས་དྲིན་ལན་ཞུས་ཆོག
བུ་ངའི་བརྩེ་བའི་ཨ་མ་ལགས།
ཤ་བ་སྤང་ལ་འཁོར་བ།
སྤང་གི་བཀའ་དྲིན་ཡིན་ནོ།
སྤང་གཤོངས་སྐམ་ནས་ལུས་དུས།
ཤ་བ་ལ་མོ་བརྒྱབས་སོང་།
བུ་ང་སྐྱིད་པོ་ཡོད་པ།
ཨ་མ་ཁྱེད་ཀྱི་བཀའ་དྲིན་ཡིན།
ཉ་ཆུང་རྐྱལ་རྩལ་མཁས་པ།
ཆུ་ཡི་བཀའ་དྲིན་ཡིན་ནོ།
ཆུ་མོ་ས་ལ་འཐིམ་དུས།
ཉ་ཆུང་སྐྱོ་ནས་ལུས་སོང་།
བུ་ང་སེམས་འཚབ་མེད་པ།
ཨ་མ་ཁྱེད་ཀྱི་བཀའ་དྲིན་ཡིན།

Please help transcribe the above text into English.

What is the sum of 5 and 4?