Bhumo Dolma

ཨ།
རྩྭ་ཐང་གི་རླུང་།
རྩྭ་ཐང་གི་ཆར།
རྩྭ་ཐང་གི་ལུག་ཁྱུ།
རྩྭ་ཐང་གི་ཆུ།
རྩྭ་ཐང་གི་བུ་མོ།
ཨ།
སྒྲོལ་མ།
ཨ།
སྒྲོལ་མ།
རྩྭ་ཐང་སྟེང་གི་བུ་མོ་སྒྲོལ་མ་ལགས།
ཁྱེད་ལ་མེ་ཏོག་ལྟ་བུའི་མིང་ཞིག
མཛེས་བའི་བུ་མོ་སྒྲོལ་མ་ལགས།
ཁྱེད་ལ་མེ་ཏོག་བཞད་འདྲའི་འཛུམ་ཞིག
མཛེས་བའི་བུ་མོ་སྒྲོལ་མ་ལགས།
ཁྱེད་ནི་རྩེད་དགར་རོལ་བའི་ཁུ་བྱུག
སྙན་མོ་གླུ་སྐད་རྩྭ་ཐང་ལ་ཁྱབ།
ཁྱེད་ནི་བྱེ་ལེབ་སྒེག་མོ་ནང་བཞིན།
ཡངས་བའི་མེ་ཏོག་ཚལ་ན་མཛེས།
ཨ།
སྒྲོལ་མ།
རྩྭ་ཐང་སྟེང་གི་སྐལ་བཟང་ལ།
ཁྱོད་ཀྱིས་གླུ་སྐད་གངས་རི་ལ་ཕུལ་བྱུང་།
རེ་ལྟོས་བཅོལ་སའི་གངས་རི།
ཁྱོད་ཀྱིས་མཛེས་སྡུག་རྩྭ་ཐང་འདིར་བསྕལ་བྱུང་།
ཁྱེད་ཉིད་སྐྱོང་སའི་རྩྭ་ཐང་།
ཨ།
སྒྲོལ་མ།
ཨ།
སྒྲོལ་མ།
རྩྭ་ཐང་སྟེང་གི་བུ་མོ་སྒྲོལ་མ་ལགས།
ཁྱེད་ལ་མེ་ཏོག་ལྟ་བུའི་མིང་ཞིག
མཛེས་བའི་བུ་མོ་སྒྲོལ་མ་ལགས།
ཁྱེད་ལ་མེ་ཏོག་བཞད་འདྲའི་འཛུམ་ཞིག
མཛེས་བའི་བུ་མོ་སྒྲོལ་མ་ལགས།
ཁྱེད་ནི་ཞིམ་མངར་ལྡན་པའི་བདུད་རྩི།
ཉི་མ་བཟི་སོང་ཟླ་བ་བཟི་སོང་།
ཁྱེད་ནི་སྙན་ཤིང་འཛེབས་པའི་རྫི་གླུ།
གངས་རི་བརྒྱན་སོང་རྩྭ་ཐང་བརྒྱན་སོང་།
ཨ།
སྒྲོལ་མ།
རྩྭ་ཐང་སྟེང་གི་སྐལ་བཟང་ལ།
ཁྱོད་ཀྱིས་གླུ་སྐད་གངས་རི་ལ་ཕུལ་བྱུང་།
རེ་ལྟོས་བཅོལ་སའི་གངས་རི།
ཁྱོད་ཀྱིས་མཛེས་སྡུག་རྩྭ་ཐང་འདིར་བསྕལ་བྱུང་།
ཁྱེད་ཉིད་སྐྱོང་སའི་རྩྭ་ཐང་།
ཁྱོད་ཀྱིས་གླུ་སྐད་གངས་རི་ལ་ཕུལ་བྱུང་།
རེ་ལྟོས་བཅོལ་སའི་གངས་རི།
ཁྱོད་ཀྱིས་མཛེས་སྡུག་རྩྭ་ཐང་འདིར་བསྕལ་བྱུང་།
ཁྱེད་ཉིད་སྐྱོང་སའི་རྩྭ་ཐང་།
ཨ།
སྒྲོལ་མ།
ཨ།
སྒྲོལ་མ།
རྩྭ་ཐང་སྟེང་གི་བུ་མོ་སྒྲོལ་མ་ལགས།

Please help transcribe the above text into English.

Please add 4 and 5.