Danyen Shapdo

ཆོས་ཀྱི་ཆོས་བཟང་དྲན་བྱུང་།
བསོད་ནམས་ལགས་ཀྱི་རྒྱན་རེད།
ཆོས་ཀྱི་ཆོས་བཟང་དྲན་བྱུང་།
ལགས་སོ་མ་ལ།
ཨ་མིའི་ཁམས་གསུམ་དབང་འདུས།
ཁམས་གསུམ་གཞུང་ལ་ཕེབས་སོང་།
གཙོ་ཆེན་དཔོནཔོའི་བཀའ་རེད།
ཡང་བསྐྱོད་བུ་ངའི་ལས་རེད།
ཨི་ས་ཨི་ས་མ་ཎི།
ཡང་བསྐྱོད་བུ་ངའི་ལས་རེད།
ཁྱེད་ཅག་ག་ནས་ཡིན་པ།
ང་ཅག་གཞིས་ཀ་རྩེ་པ།
ཨི་ས་ཨི་ས་མ་ཎི།
ང་ཅག་གཞིས་ཀ་རྩེ་པ།
གཞིས་ཀ་རྩེ་པའི་ཆང་ལ།
ཨ་ཞིམ་བུ་རམ་ཡོད་རེད།
ཨི་ས་ཨི་ས་མ་ཎི།
ཨ་ཞིམ་བུ་རམ་ཡོད་རེད།
བླ་བྲང་ཟམ་པའི་སྟེང་ལ།
དྲུང་འཁོར་དབུ་ལྕོག་རོག་རོག
ས་དབང་རྣམ་པ་ཕེབས་ཀྱི།
ཕར་ལ་ཤིག་ཤིག
ཚུར་ལ་ཤིག་ཤིག
ནང་ལ་རུག་རུག
ལུང་བཟང་ཡར་ལ་གྲོང་ཞིག་འདུག
ཡར་འགྲོ་ཅན་གྱི་གྲོང་རེད།
ཡར་འགྲོ་རྐྱང་རྐྱང་མ་གཏོགས།
མར་འགྲོ་གཅིག་ཀྱང་མི་འདུག
ལུང་བཟང་ཡར་ལ་མཚོ་ཞིག་འདུག
མཚོ་ལ་ཀྱོང་ཀར་འཛོམས་པོ།
ཁྱོད་དང་ལམ་འགྲོ་ཕྱོགས་ལ།
གཟིགས་མོ་གཟིགས་རུ་ཕེབས་དང་།
ང་རང་གཅིག་པུ་ཡིན་ན།
པད་མ་བཀོད་ལ་ཕྱིན་ཆོག
ཕ་མ་བུ་ཕྲུག་བཞག་ནས།
པད་མ་བཀོད་ལ་གང་ཡོད།
བཀྲ་ཤིས་ཞབས་བྲོ་གཅིག་གཉིས་གསུམ།

Please help transcribe the above text into English.

Please add 1 and 6.