Drimo Dung Chung Karmo

དཔའ་རིས་གཡུ་ཡི་རི་ལ།
འབྲི་མོ་དུང་ཆུང་དཀར་མོ།
བུ་མོ་སྐྱོ་བའི་སྐྱོ་རོགས།
འབྲི་མོ་དུང་ཆུང་དཀར་མོ།
གོམ་གསུམ་ཕར་ལ་སོང་ན།
ཆུང་འདྲིས་བྱམས་པ་དྲན་བྱུང་།
དུང་སེམས་འོ་མ་དཀར་མོ།
བཞོ་ཟེའུ་ཁ་ལ་འཕྱུར་སོང་།
འབྲི་མོ་དུང་ཆུང་དཀར་མོ།
བུ་མོ་སྐྱོ་བ་མ་ཟད།
བཞོ་བའི་འབྲི་ཡང་སྐྱོ་སོང་།
འབྲི་མོ་དུང་ཆུང་དཀར་མོ།
དཔའ་རིས་གཡུ་ཡི་རི་ལ།
འབྲི་མོ་དུང་ཆུང་དཀར་མོ།
བུ་མོས་སྙིང་གཏམ་ཞུ་ས།
འབྲི་མོ་དུང་ཆུང་དཀར་མོ།
གོམ་གསུམ་ཚུར་ལ་ཡོང་ན།
ཆུང་འདྲིས་བྱམས་པ་དྲན་བྱུང་།
ཆུང་འདྲིས་དྲན་དང་མ་དྲན།
མིག་གི་མཐའ་ལ་གཟིགས་དང་།
འབྲི་མོ་དུང་ཆུང་དཀར་མོ།
སེམས་པ་སྐྱོ་དང་མ་སྐྱོ།
བུ་མོའི་ལུས་ལ་གཟིགས་དང་།
འབྲི་མོ་དུང་ཆུང་དཀར་མོ།

Please help transcribe the above text into English.

Please calculate 9 plus 5.