Gakyi Zomphe Dusang La
སྣང་བ་སྤྲོ་བོ་གནང་རོགས་གནང་།
གཞོན་སྐྱེས་ཕོ་གསར་མོ་གསར་ཚོ།
ཞབས་བྲོ་ཡག་པོ་སྐྱོན་རོགས་གནང་།
ཧེ་བུ་མོ།
ཟབ་སྤྲོད་ལེགས་པོ་དེ་འདྲ་བརྒྱབ་ནས།
ག་པར་འགྲོ་གི་ཡིན་ནམ།
དབུ་སྐྲ་ཕྱེད་ཀ་གཡོན་ལ་བཞག་ནས།
དབུ་སྐྲ་ཕྱེད་ཀ་གཡས་ལ་བཞག་ནས།
དབུ་སྐྲ་འཇམ་པོ་འདི་ལ་དྲི་མ་ཞིམ་པོ་དེ་འདྲ།
Shampoག་རེ་བྱུགས་པས།
Sunsilkབྱུགས་པས།
Hello Shampoབྱུགས་པས།
ག་རེ་བྱུགས་པ་ཡིན་ནང་།
ཨ་ཙི་དབུ་སྐྲ་འཇམ་པ་ལ།
ཧེ་བུ་མོ།
ང་ཡི་མཚན་མོའི་རྨི་ལམ་ནང་ལ།
ཁྱེད་རང་ཡིན་པ་འདྲ་འདུག
འགྲོ་བཟོ་ཡག་པོ་ལྷ་མོ་ནང་བཞིན།
གཡུག་བཟོ་ཆུའི་ཉ་མོ་ནང་བཞིན།
ལྡེམ་ལྡེམ་ལྡེམ།
དེ་འདྲའི་གཡུག་བཟོ་འགྲོ་སོ།
ལྷ་ཡི་ཡུལ་ནས་ཕེབས་པས།
ཀླུའི་ཡུལ་ནས་ཕེབས་པས།
རྫུ་འཕྲུལ་རང་ད་ཨ་ཡིན།
སྣང་བ་འཁྲུལ་པ་མིན་འགྲོ།
ཨ་ཙི་བུ་མོ་སྐུ་གཟུགས་ཡག་པ་ལ།
ཧེ་ཕོ་གསར།
ལག་པ་གཡས་ལ་སྐེད་ཟེར་བརྒྱབ་ནས།
ལག་པ་གཡོན་མར་ཐ་མག་འཁྱེར་ནས།
དུ་བ་འཚུབ་འཚུབ།
མཛུབ་མོ་སྦོམ་པོ་དེ་ལ།
གསེར་གྱི་ཚིག་ཁེབ་དེ་འདྲ།
མི་ལ་བུ་ལོན་གཡར་པས།
༡༣༠༠སྤྲད་པས།