Jampa

གནས་མཆོག་ཁ་བ་དཀར་པོ།
བུ་ཆུང་ང་ཡི་ཕ་ཡུལ།
ཉམས་ཆུང་མི་ཡུལ་འགྲིམ་དུས།
ཕ་ཡུལ་ཡིད་ལ་འཁོར་བྱུང་།
ཁ་བ་དཀར་པོའི་ཡུལ་ལ།
ཆུང་འདྲིས་བྱམས་པ་ལུས་སོང་།
བྱམས་པ་དྲན་པའི་གླུ་དེ།
མི་ཡུལ་ཕྱོགས་ནས་བཏང་ཡིན།
ང་ཡི་ལས་འགྲོའི་བུམ་པར།
ཚིགས་མེད་སྨྱུག་མ་སྐྱེས་བྱུང་།
བརྩེ་གདུང་ལྡན་པའི་བུ་མོ།
སྨྱུག་མའི་ནང་ནས་མཇལ་བྱུང་།
སྐྱེས་ས་ལྷ་ལུང་དཀར་པོ།
མི་ལ་སྨོན་དགོས་མེད་དེ།
བསྐོས་ས་བདུད་ལུང་ནག་པོ།
ཚེ་སྔོན་ལས་ལ་བཀོད་སོང་།
བསོད་ནམས་མེད་པའི་བུ་ངས།
ཆུང་འདྲིས་བྱམས་པ་དྲན་བྱུང་། 

Please help transcribe the above text into English.

What is the sum of 8 and 8?