Kyowai Mikchu

ཁ་བ་གངས་ཅན་ཡུལ་གྱི།
གངས་ཕྲུག་འཁྲུལ་མེད་ཡིན་ཡང་།
གངས་ལྗོངས་མིག་གིས་མ་མཐོང་།
སྐྱོ་བའི་མིག་ཆུ་ཤོར་བྱུང་།
གཟི་བརྗིད་ལོ་རྒྱུས་སྙན་ཅིང་།
ཞི་བདེ་དར་བའི་ཕ་ཡུལ།
གཞན་གྱིས་བཙན་འཕྲོག་བྱས་པས།
སྐྱོ་བའི་མིག་ཆུ་ཤོར་བྱུང་།
ལོ་ངོ་བཞི་བཅུ་ལྷག་ཙམ།
རང་དབང་ཉི་མ་བསྒུགས་ཡོད།
མི་ཡུལ་བསྡད་པ་རིང་དུས།
སྐྱོ་བའི་མིག་ཆུ་ཤོར་བྱུང་།
ང་ཚོའི་གཞིས་ལུས་སྤུན་ཟླ།
དགྲ་བོའི་བཙན་དབང་འོག་ཏུ།
སྡུག་བསྔལ་མནར་གཅོད་མྱོང་དུས།
སྐྱོ་བའི་མིག་ཆུ་ཤོར་བྱུང་།
བྱེས་བཞུགས་སྤུན་ཟླ་འགའ་ཡིས།
སྤྱི་དོན་མཉམ་འདེགས་མི་བྱས།
ང་དང་ཁྱེད་ཅེས་རྩོད་དུས།
སྐྱོ་བའི་མིག་ཆུ་ཤོར་བྱུང་།

Please help transcribe the above text into English.

Please add 7 and 3.