La Gya Dhi Ray

གངས་ཅན་བོད་པའི་བུ་ཕྲུག
ཕུགས་བསམ་ལ་རྒྱ་ཡོད་ན།
མེས་པོའི་བཀའ་དྲིན་དྲན་དགོས།
བོད་པར་དུང་སེམས་ཆེ་དགོས།
ལ་རྒྱ་ཟེར་ས་འདི་རེད།
གངས་ཅན་བོད་པའི་བུ་ཕྲུག
ཕུགས་བསམ་ལ་རྒྱ་ཡོད་ན།
ཡ་རབས་སྤྱོད་བཟང་ལྡན་དགོས།
དྲན་བདེན་ལམ་ལ་ཞུགས་དགོས།
ལ་རྒྱ་ཟེར་ས་འདི་རེད།
གངས་ཅན་བོད་པའི་བུ་ཕྲུག
ཕུགས་བསམ་ལ་རྒྱ་ཡོད་ན།
རང་གི་སྐད་ཡིག་སྦྱོང་དགོས།
ཕ་མེས་སྲོལ་བཟང་འཛིན་དགོས།
ལ་རྒྱ་ཟེར་ས་འདི་རེད།
གངས་ཅན་བོད་པའི་བུ་ཕྲུག
རང་རིགས་རྒྱུད་པ་མ་ཤེས།
མ་འོངས་མདུན་ལམ་མ་དྲན།
སྤུན་ཟླར་བརྩེ་སེམས་མེད་ན།
ཚིག་སྟོང་ལ་རྒྱས་ཅི་ཕན།
མ་འོངས་མདུན་ལམ་མ་དྲན།
སྤུན་ཟླར་བརྩེ་སེམས་མེད་ན།
ཚིག་སྟོང་ལ་རྒྱས་ཅི་ཕན།

Please help transcribe the above text into English.

Please add 1 and 9.