Laa Boed

རི་མཐོན་པོ་གནམ་གྱི་ཀ་བ།
ནག་ཉེས་མེད་ཨ་འཇམ་ཚ་རུ།
གན་ཁ་དབང་བཙན་པོའི་མི་ཡིས།
ལུས་གྱོན་པ་བཙན་གྱིས་བཤུས་པས།
རྫུན་ལང་ཚོའི་མཆོར་སྒེག་མཛེས་ཡང་།
ཡིད་སྐྱ་མོ་གཅེར་བུར་ལུས་ཡོད།
སྤང་སྔོན་མོ་གཡུ་ཡི་མེ་ལོང་།
ལུག་གཡང་དཀར་འབའ་སྒྲ་འཚེར་འཚེར།
གན་གདུག་རྩུབ་ཆེ་བའི་མི་ཡིས།
ནང་གློ་མཆིན་གཏིང་ནས་བཏོན་པས།
དབྱར་དྲུག་པའི་འབྲོག་གླུ་སྙན་རུང་།
རྩྭ་རྩི་ཏོག་བྱེ་མས་བཅོམས་ཡོད།
མཚེའུ་ཆེ་ཆུང་ནམ་མཁའི་སྐར་ཚོགས།
ཕ་བཟང་བོའི་བླ་མཚོ་ཕྱུག་མོ།
གན་སྙིང་རྗེ་མེད་པའི་མི་ཡིས།
དབང་བཙན་པོས་བྱིན་རླབས་འཕྲོག་པས།
ཚོན་སྣ་ལྔའི་དར་ལྕོག་གཡོ་ཡང་།
མིག་ཁྲ་ཆུང་ཁྲག་གིས་བསྐོར་ཡོད།
ཚོན་སྣ་ལྔའི་དར་ལྕོག་གཡོ་ཡང་།
མིག་ཁྲ་ཆུང་ཁྲག་གིས་བསྐོར་ཡོད། 

Please help transcribe the above text into English.

What is the sum of 5 and 5?