Lhasa Bhumo

ལྷ་ས་ཡི་བུ་མོ།
ཐུགས་སྐྱོ་སྐྱོ་མ་གནང་།
མིའི་མི་ཚེ་ཟེར་བ།
ནམ་མཁའི་གློག་དང་འདྲ།
ཁ་སང་གི་སྙིང་སྡུག
དེ་རིང་གི་དགྲ་བོ།
འདི་མི་ཚེ་རེད།
མཚམས་རེ་ལ་ཉི་མ།
མཚམས་རེ་ལ་ཆར་པ།
མཚམས་རེ་ལ་མིག་ཆུ།
མཚམས་རེ་ལ་དགའ་སྤྲོ་ཆེ།
དུས་རྟག་ཏུ་གནས་པ།
ནམ་ཡང་ཡོད་མ་ཡིན།
འདི་མི་ཚེ་རེད།
འདི་མི་ཚེ་རེད།
རྣམ་རྟོག་གི་འཁྲུལ་སྣང་རེད།
འདི་འཇའ་ཚོན་རེད།
ཚོན་ལྔ་ཡི་མིག་སྒྱུ་རེད།
ལྕེམ་ལྕེམ་གྱི་ལྷ་མོ།
འཁོར་ས་ནི་མེ་ཏོག
སྟག་ཤར་གྱི་གཞོན་པ།
འཁོར་ས་མཛེས་མ་རེད།
རི་མཐོན་པོའི་རྫ་ཆུ།
འཛོམས་ས་རྒྱ་མཚོ་རེད།
འདི་ཆོས་ཉིད་རེད།
ཆུ་ནང་གི་ཉ་མོ།
གནམ་དགུང་གི་བྱིའུ་ཆུང་།
སྤང་སྔོན་མོའི་མེ་ཏོག
གཅིག་དེ་གཅིག་ལ་བརྟེན།
རྟེན་ཅིང་འབྲེལ་བ།
མེད་པ་ཡོད་མ་ཡིན།
འདི་ཆོས་ཉིད་རེད།
འདི་ཆོས་ཉིད་རེད།
འཁོར་བ་ཡི་འགྲོ་ལུགས་གཅིག་རེད།
འདི་དོན་དམ་རེད།
དངོས་པོ་ཡི་གཤིས་ལུགས་རེད།
དེ་རིང་མེ་ཏོག་རྒྱས་ན་ཡིད་དབང་འཕྲོག
སང་ཉིན་མེ་ཏོག་སྙིལ་ཏོ་གད་སྙིགས་རེད།

Please help transcribe the above text into English.

Please calculate 6 plus 2.