Lhasa Machak

ལྷ་ས་མ་ཆགས་ལྷ་ས་ཆགས།
ལྷ་ས་མཚོ་མོའི་སྟེང་དུ་ཆགས།
ཆ་མདོ་མ་ཆགས་ཆབ་མདོ་ཆགས།
ཆ་མདོ་གཉིས་བར་ལ་ཆགས།
ཨ་མདོ་མ་ཆགས་ཨ་མདོ་ཆགས།
ཨ་མདོ་ལུང་གསུམ་མདའ་རུ་ཆགས།
དགའ་ལྡན་མ་ཆགས་དགའ་ལྡན་ཆགས།
དགའ་ལྡན་རི་བོའི་རྩེ་རུ་ཆགས།
རྭ་སྒྲེང་མ་ཆགས་རྭ་སྒྲེང་ཆགས།
རྭ་སྒྲེང་ཤུག་པའི་དཀྱིལ་ལ་ཆགས།
ཆུ་མོ་མར་འགྲོ་ཤིག་ཤིག
མར་འགྲོ་ཡར་ལ་ལོག་ཤོག
ས་སྐྱའི་ལྷ་ཁང་ཆེན་མོའི།
ཡོན་ཆབ་འབུལ་ཆེད་དགོས་བྱུང་།
ལྷ་ཁང་ལ་རང་ཆེན་མོའི།
ཡོན་ཆབ་འབུལ་ཆེད་དགོས་བྱུང་།
གསེར་སྐུ་གཅིག་ནི་མ་རེད།
གསེར་སྐུ་གཉིས་ནི་མ་རེད།
གསེར་སྐུ་གསུམ་སྟོང་བརྒྱད་བརྒྱར།
ཡོན་ཆབ་འབུལ་ཆེད་དགོས་བྱུང་།
གསུམ་སྟོང་ལ་རང་བརྒྱད་བརྒྱར།
ཡོན་ཆབ་འབུལ་ཆེད་དགོས་བྱུང་།

Please help transcribe the above text into English.

Please calculate 6 plus 2.