Lhen Zom
གངས་རིའི་འདབས་ནས་ཆས་ཡོང་།
གངས་རིའི་འདབས་ལ་ལོག་བྱུང་།
གངས་རིའི་འདབས་ནས་ཆས་ཡོང་།
གངས་རིའི་འདབས་ལ་ལོག་བྱུང་།
དམར་སྨུག་གི་ངོ་གདོང་རེ་རེ།
ངལ་དུབ་ཀྱི་ཉིན་དང་མཚན་ལ།
ངའི་ཡིད་ཀྱི་འོད་སྣང་ཁྱོད་ཡིན།
ང་ཁྱོད་ཀྱི་ཁྲ་ཆུང་མིག་ལམ་ན་ཡོད།
ཁྱེད་ང་ཡི་ཡ་ཆུང་སེམས་ཁོང་ན་ཡོད།
ཆོལ་ཁ་གསུམ་གྱི་སྤུན་ཟླ།
དེ་རིང་ལས་ཀྱིས་འཛོམས་སོང་།
ལན་གཅིག་འཛོམས་པའི་ཉིན་མོ།
ཉིན་མོ་འདི་སེམས་ལ་ཞོག་དང་།
གངས་རིའི་འདབས་ནས་ཆས་ཡོང་།
གངས་རིའི་འདབས་ལ་ལོག་བྱུང་།
གངས་རིའི་འདབས་ནས་ཆས་ཡོང་།
གངས་རིའི་འདབས་ལ་ལོག་བྱུང་།
ཟོལ་མེད་ཀྱི་འཛུམ་ཆུང་རེ་རེ།
དགའ་དུས་དང་སྡུག་དུས་གཉིས་ལ།
ངའི་སེམས་ཀྱི་བརྟེན་ས་ཁྱེད་ཡིན།
ང་ཁྱེད་ཀྱི་ཁྲ་ཆུང་མིག་ལམ་ན་ཡོད།
ཁྱོད་ང་ཡི་ཡ་ཆུང་སེམས་ཁོང་ན་ཡོད།
ཆོལ་ཁ་གསུམ་གྱི་སྤུན་ཟླ།
ལས་ཀྱིས་འཛོམས་པས་དགའ་སོང་།
འབྲལ་དགོས་མ་གསུངས།
ང་རང་ཚོ་སླར་ཡང་མཇལ་ཡོང་།
ཆོལ་ཁ་གསུམ་གྱི་སྤུན་ཟླ།
ལས་ཀྱིས་འཛོམས་པས་དགའ་སོང་།
འབྲལ་དགོས་མ་གསུངས།
ང་རང་ཚོ་སླར་ཡང་མཇལ་ཡོང་།