Lho Kar Yidkyi Metok
ཤང་ཤང་ཆུ་བོ་སྔོན་པོ།
བསིལ་བསིལ་རླུང་གིས་དེད་སོང་།
འདི་འདྲའི་ཆུ་མོའི་རྒྱུགས་ཕྱོགས།
ཡོད་འགྲོ་བསམ་པ་མ་བྱུང་།
ཆུ་ལ་བཤད་པའི་སྙིང་གཏམ།
ཕྲ་ཆུང་ཉ་མོས་ཐོས་སོང་།
བརྩེ་གདུང་ཡིད་ཀྱི་མཆི་མ།
ཉ་མོའི་སྤྱན་ནས་བསིལ་བྱུང་།
ནམ་མཁའི་སྤྲིན་པ་དཀར་པོ།
བསིལ་བུའི་རླུང་གིས་འཁྱེར་སོང་།
འདི་འདྲའི་སྤྲིན་པའི་འཁྱེར་ཕྱོགས།
ཡོད་འགྲོ་བསམ་པ་མ་བྱུང་།
སྤྲིན་ལ་བསྐུར་བའི་སྙིང་གཏམ།
ཁྱེད་ཀྱི་པང་ལ་ཟགས་ནས།
བློ་དཀར་ཡིད་ཀྱི་མེ་ཏོག
ཁྱེད་ཀྱི་པང་ནས་བཞད་བྱུང་།
ང་ཡི་བློ་དཀར་འརྩེ་གདུང་།
བུ་ཆུང་ཁྱེད་ཀྱིས་འཁྱེར་སོང་།
འདི་འདྲའི་སེམས་པའི་འགྲོ་ཕྱོགས།
ཡོད་འགྲོ་བསམ་པ་མ་བྱུང་།
ཆུང་འདྲིས་སྙིང་སྡུག་ཁྱེད་ཀྱིས།
འདི་ལ་ཆོག་ཤེས་གནང་ནས།
དགའ་བའི་སྐྱེད་མོས་ཚལ་ལ།
བུ་མོ་འཁྲིད་རོགས་གནང་དང་།
ཨ་སྙིང་སྡུག་ལ།
ང་གཉིས་བརྩེ་གྲོགས་ངོས་ལ།
བློ་ཆུང་འདོད་པ་རྩེ་གཅིག
མི་ཚེ་འགྱུར་བ་མེད་པ།
ཁྱེད་ཀྱིས་གནང་རོགས་གནང་དང་།