Milam Michung

ཆོལ་གསུམ་རྨི་ལམ་ཁྲོད་ནས།
ཨ་སྔོན་ནམ་མཁའི་དབྱིངས་སུ།
ཉིན་ཟླ་གཉིས་ཀ་ལྷན་དུ།
གངས་རིའི་ལྗོངས་སུ་ཤར་འདུག
སོ་འོ་འོ་འོ་་་་་་་་་་
མུན་ནག་གངས་ཅན་བོད་ལ།
འོད་སེར་ཀྱི་ཕྲོས་བ་རྨིས་བྱུང་།
ཆོལ་གསུམ་རྨི་ལམ་ཁྲོད་ནས།
གནས་མཆོག་ལྷ་སའི་གྲོང་དུ།
རྗེ་བཙུན་བྱམས་པ་མགོན་པོར།
རྩེ་གཅིག་གསོལ་བ་བཏབ་ཡོད།
སོ་འོ་འོ་འོ་་་་་་
ལྷ་དར་དཀར་པོ་ཁག་གཅིག
ཕྱག་ཏུ་འབུལ་བ་རྨིས་བྱུང་།
ཆོལ་གསུམ་རྨི་ལམ་ཁྲོད་ནས།
པོ་ཏ་ལ་ཡི་རྩེ་མོར།
སྐྱབས་ཆེན་བླ་མ་རྣམ་གཉིས།
གསེར་གྱི་ཁྲི་ལ་ཞུགས་ཏེ།
ཆོས་ཀྱི་ལུང་བསྟན་གནང་བཞིན།
མཇལ་འརྫོམས་བྱུང་བ་རྨིས་བྱུང་།

Please help transcribe the above text into English.

Please add 7 and 5.