Ngayhi Sem Kyi Kaycha
ངའི་སེམས་ཀྱི་སྐད་ཆ།
ཁྱོད་ལ་བཤད་དགོས་བསམ་བྱུང་།
ཁྱོད་རང་འགྲམ་ལ་སླེབས་དུས།
ཁ་ནས་འདོན་གྱི་མི་འདུག
ངའི་སེམས་ཀྱི་སྐད་ཆ།
ཁྱོད་ལ་བཤད་དགོས་བསམ་བྱུང་།
ཁྱོད་རང་འགྲམ་ལ་སླེབས་དུས།
ཁ་ནས་འདོན་གྱི་མི་འདུག
ཉི་མ་མང་པོ་སྔོན་ནས།
ཁྱེད་རང་བསམ་ནས་བསྡད་ཡོད།
ང་ནི་ད་ལྟ་བར་དུ།
ཁྱེད་རང་གཅིག་པུ་བསམ་ཡོད།
ཉི་མ་མང་པོ་སྔོན་ནས།
ཁྱེད་རང་བསམ་ནས་བསྡད་ཡོད།
ང་ནི་ད་ལྟ་བར་དུ།
ཁྱེད་རང་གཅིག་པུ་བསམ་ཡོད།
ལོ་གཅིག་ལོ་གཉིས་བར་དུ་ཁྱེད་རང་སྒུ་ནས་བསྡད་ཡོད།
ད་དུང་དེ་ནས་འགྱངས་ན་སེམས་པའི་བཟོད་པ་མི་འདུག
ངའི་སེམས་ཀྱི་སྐད་ཆ།
ཁྱོད་ལ་བཤད་དགོས་བསམ་བྱུང་།
ཁྱོད་རང་འགྲམ་ལ་སླེབས་དུས།
ཁ་ནས་འདོན་གྱི་མི་འདུག
སེམས་གཏིང་གི་སྨོན་ལམ།
ལས་ལ་ང་གཉིས་བཀོད་རོགས།
བརྩེ་བ་སྤྲད་པའི་དམ་བཅའ།
ཡིད་ཆེས་ང་ལ་གནང་རོགས།
སེམས་གཏིང་གི་སྨོན་ལམ།
ལས་ལ་ང་གཉིས་བཀོད་རོགས།
བརྩེ་བ་སྤྲད་པའི་དམ་བཅའ།
ཡིད་ཆེས་ང་ལ་གནང་རོགས།
ངའི་མི་ལུས་འདི་ལ།
ཁྱེད་རང་འབྱུང་ན་བསམ་གྱི།
བུ་ངའི་རེ་བ།
མི་ཚེ་ཁྱོད་ཀྱི་མཉམ་དུ།
ངའི་སེམས་ཀྱི་སྐད་ཆ།
ཁྱོད་ལ་བཤད་དགོས་བསམ་བྱུང་།
ཁྱོད་རང་འགྲམ་ལ་སླེབས་དུས།
ཁ་ནས་འདོན་གྱི་མི་འདུག
ཁ་ནས་འདོན་གྱི་མི་འདུག