Nyighi Sivue Do

ང་ཡི་སྙིང་གི་ཟེའུ་འབྲུ།
བུ་མོ་ཡིད་འཕྲོག་ལྷ་མོ།
ཡིད་འོང་ཁྱོད་ཀྱི་ཞལ་རས།
པདྨ་དཀར་པོའི་མེ་ཏོག
སྐུ་གཟུགས་ལྡེམ་ལྡེམ་ཁྱུག་པ།
ལྕུག་ཕྲན་གཞོན་ནུའི་ལང་འཚོ།
སྤྱན་ཟུར་དྲི་བསུང་འཐུལ་པས།
གཡུ་མང་སེམས་པ་ལོས་ཤོར།
བུང་བའི་ཁ་དོག་བཞིན་དུ།
ནག་སྣུམ་དབུ་སྐྲའི་ལེན་བུ།
ཁྱེད་ཀྱི་སྐུ་སྟོད་ཁེབས་པས།
ཞལ་རས་དེ་བས་མཛེས་པ།
རོལ་རྩེད་གར་གྱི་ཉམས་ལྡན།
སྐུ་སྐྱེད་ཕྲ་ལ་སྒེག་པ།
བདེ་བའི་ནུ་འབུར་རྒྱས་པ།
བུ་ངའི་ཡིད་དབང་འཕྲོགས་སོང་།
མཐོ་བ་ཉི་མའི་དཀྱིལ་འཁོར།
ས་ཡི་པདྨའི་གཉེན་བཤེས།
ང་གཉིས་ལས་འགྲོ་ཡོད་ན།
མཛའ་མཐུན་མཉམ་གཤིབ་ལོས་ཡོང་།
འཇམ་གཉེན་ཁྱེད་ཀྱི་ཕྱག་གཉིས།
བུ་ཆུང་ང་ལ་གནང་དང་།
ཐབས་ཤེས་ཟུང་དུ་འཇུག་པའི།
དགའ་བདེའི་དཔལ་ལ་རོལ་ཆོག

Please help transcribe the above text into English.

Please calculate 5 plus 3.