Nying Tam
Nga-yi Mitse Di la
Nyimeh Woser Yoe Kyang
Woser Lhela Mehdue
ཕྱོགས་བཞིར་མུན་པས་ཁྱབ་སོང་།
ང་ཡི་མི་ཚེ་འདི་ལ།
ཉི་མའི་འོད་ཟེར་ཡོད་ཀྱང་།
འོད་ཟེར་ལས་ལ་མེད་དུས།
ཕྱོགས་བཞིར་མུན་པས་ཁྱབ་སོང་།
ལམ་ཁ་ཞིག་ལ་ཡོད་ན་ཡང་།
ལམ་ཁ་ང་ཡིས་མ་བརྙེད།
སྤྱི་ཚོགས་ནང་ལ་ཡོད་ན་ཡང་།
དྲང་བདེན་ང་ཡིས་མ་མཐོང་།
ནམ་མཁའི་བླ་མ་དཀོན་མཆོག
ཐུགས་སེམས་བཞེས་རོགས་གནང་དང་།
བུ་ངའི་མི་ཚེ་འདི་ལ།
འགྱུར་བ་གཏང་རོགས་གནང་དང་།
ང་ཡི་མི་ཚེ་འདི་ལ།
ཉི་མའི་འོད་ཟེར་ཡོད་ཀྱང་།
འོད་ཟེར་ལས་ལ་མེད་དུས།
ཕྱོགས་བཞིར་མུན་པས་ཁྱབ་སོང་།
སྤྱི་ཚོགས་སྐྱིད་པོ་ཡོད་ན་ཡང་།
བདེ་བ་ང་ཡིས་མ་མཐོང་།
སམེས་པ་སྐྱིད་པོ་མེད་ན་ཡང་།
སྐྱིད་པོ་བསམས་ནས་བསྡད་ཡོད།
ནམ་མཁའི་བླ་མ་དཀོན་མཆོག
ཐུགས་སེམས་བཞེས་རོགས་གནང་དང་།
བུ་ངའི་མི་ཚེ་འདི་ལ།
འགྱུར་བ་གཏང་རོགས་གནང་དང་།
བུ་ངའི་མི་ཚེ་འདི་ལ།
འགྱུར་བ་གཏང་རོགས་གནང་དང་།
བུ་ངའི་མི་ཚེ་འདི་ལ།
འགྱུར་བ་གཏང་རོགས་གནང་དང་།
བུ་ངའི་མི་ཚེ་འདི་ལ།
འགྱུར་བ་གཏང་རོགས་གནང་དང་།