Penchen

༧པན་ཆེན་སྣང་བ་མཐའ་ཡས།
བོད་ལ་བཀའ་དྲིན་ཆེ་བྱུང་།
མཛད་འཕྲིན་ཉི་ཟླའི་འོད་ཟེར།
གངས་ལྗོངས་ཡོང་ལ་ཁྱབ་སོང་།
༧པན་ཆེནམཇལ་རྒྱུ་མེད་པའི།
བཀའ་དྲིན་སྙིང་ནས་དྲན་བྱུང་།
གངས་ཕྲུག་བསོད་ནམས་མེད་པས།
དྲིུན་ལན་མཇལ་རྒྱུ་མ་བྱུང་།
བདེ་ལྡན་ཞིང་གི་མགོན་པོ།
ཀུན་གཟིགས་སྣང་བ་མཐའ་ཡས།
ཁ་བ་གངས་ཅན་ཡུལ་འདིར།
འཁྲུངས་པ་བོད་ཀྱི་བསོད་ནམས།
༧པན་ཆེན་སྣང་བ་མཐའ་ཡས།
བོད་ལ་འཁྲུངས་པ་ཡག་བྱུང་།
བཀའ་དྲིན་འཇལ་དགོས་ཡོད་ཀྱང་།
འཇལ་བའི་བསོད་ནམས་མི་འདུག
༧པན་ཆེནམཇལ་རྒྱུ་མེད་པའི།
སེམས་པ་གཏིང་ནས་སྐྱོ་སོང་།
དྲིན་ལན་ཆོས་ཀྱི་འཁོར་བའི།
གསོལ་བ་སྨོན་ལམ་བཏབས་ཡོད།
བདེ་ལྡན་ཞིང་གི་མགོན་པོ།
ཀུན་གཟིགས་སྣང་པ་མཐའ་ཡས།
ཁ་བ་གངས་ཅན་ཡུལ་འདིར།
འཁྲུངས་པ་བོད་ཀྱི་བསོད་ནམས། 

Please help transcribe the above text into English.

Please add 3 and 1.