Rangzen

ང་ཚོ་བོད་ཀྱི་མིའི་ལས་འགན་གཙོ་བོ།
རྒྱལ་ཁབ་རང་བཙན་ལེན་རྒྱུ་དེ།
ང་ཚོ་བོད་མིས་བྱེད་དགོས་པ་ནི།
ངེས་པར་ཚང་མས་བྱེད་དགོས།
རང་བཙན་ལེན་རྒྱུ་དེ་རང་རེད།
དེ་ནི་སྒྲུབ་དགོས་པས་མ་ཚད།
སྒྲུབ་འོས་པ་དང་སྒྲུབ་ནུས་པ་ཞིག་ཡིན།
རང་བཙན།
རང་བཙན།
རང་བཙན།
ཁྲག་རྒྱུན་བབས་ཆུར་བྱས་པའི་འོག་ནས་སམ།
མི་རོས་ལུང་པ་འགེངས་པ་ནི།
ཡོངས་གྲགས་ཀྱི་ལམ་ཡིན་ཡང་།
ཡིད་བཞིན་ནོར་བུའི་དགོངས་པ་བཞིན།
འཚེ་མེད་ཞི་བའི་ལམ་བརྒྱུད་ནས།
བདེན་པ་དང་དྲང་པོའི་ཐོག་ནས།
མུ་མཐུད་ནས་མཐར་སྐྱེལ་བྱེད་དགོས།
རང་བཙན།
རང་བཙན།
རང་བཙན།

Please help transcribe the above text into English.

Please calculate 7 plus 3.