Re Guk

སེམས་ནང་བསམ་པའི་བུ་མོ།
ཐུག་ན་བསམས་ཀྱང་ཐུག་རྒྱུ་ལས་ལ་མི་འདུག
སེམས་ནང་མེད་པའི་བུ་མོ།
མ་ཐུག་བསམས་ཀྱང་ཡང་ཡང་ཐུག་གི་འདུག
བུ་མོ་ཁྱེད་རང་ཕྱིན་པའི་རྗེས་ལ།
ཉི་མ་ལོ་ལས་རིང་བ།
གོམ་པ་གསུམ་པོ་སྤོས་ན་ཡང་།
ཕྱི་བལྟས་བལྟ་བར་ཤོར་གྱི་འདུག
བུ་ངའི་སེམས་ཀྱི་ནང་ལ།
བསམ་རྒྱུ་ཁྱེད་རང་ལས་མི་འདུག
བུ་མོ་ཁྱེད་རང་ག་པར་ཡོད།
ཁྱེད་རང་བསྒུགས་ནས་བསྡད་ཡོད།
བུ་ངས་དྲང་པོ་ཞུས་ན།
མི་ཚེ་ཁྱེད་དང་མཉམ་དུ་བསྐྱལ་དགོས་བསམ་གྱི་འདུག
བུ་མོ་ཁྱེད་དང་ང་གཉིས།
རྨི་ལམ་ནང་བཞིན་ང་གཉིས་བྲལ་དགོས་བྱུང་ན་ཡང་།
ད་ཆ་བུ་ངའི་སེམས་ཀྱི་བརྩེ་བ།
བུ་མོ་ཁྱེད་ལ་བཅངས་ཡོད།
ང་ཡི་སེམས་ཀྱི་རེ་བ།
ཁྱེད་རང་བྱུང་ན་བསམ་གྱི་འདུག
ཁྱེད་རང་ཕྱིན་པའི་རྗེས་ལ།
ཉི་མ་ལོ་ལས་རིང་བ།
གོམ་པ་གསུམ་པོ་སྤོས་ན་ཡང་།
ཕྱི་བལྟས་བལྟ་བར་ཤོར་གྱི་འདུག
བུ་མོ་ཁྱེད་རང་ག་པར་ཡོད།
ག་དུས་ཐུག་རྒྱུ་ཡོད་ན།

Please help transcribe the above text into English.

Please add 9 and 3.