Sakyeh Changshey
ཚིག་དང་གདངས། དམངས་གཞས།
ཤར་སྤྲིན་ཤར་ལ་མ་འགྲིལ། ༼མ་ལ་འགྲིལ།༽ ནུབ་སྤྲིན་ནུབ་ལ་མ་འགྲིལ། ༼ལ་༽
དེ་རིང་བཞུགས་གྲལ་༼ལ་༽ སྒོར་མོ། ༼ལ་༽ མཇའ་དང་འོད་ཀྱི་ཁེངས་སོང་།།
རྒྱ་ཡི་ཡུལ་ནས་ཕེབས་པའི། ༼ཕེབས་ལ་པའི།༽ བུ་ཆུང་མཐོ་རེང་༼ལ་༽སྐར་ཆེན། ༼ལ་༽
རྒྱ་ལ་ཕེབས་ཀྱི་༼ལ་༽ མ་གསུང་། ༼ལ་༽ བསྟན་པ་འཛིན་རོགས་གནང་དང་།།
དགའ་པའི་ཡུལ་དུ་འཛོམས་བྱུང་། ༼འཛོམས་ལ་བྱུང་།༽ བཞུགས་གྲལ་ཕ་མ་སྤུན་མཆེད། ༼ལ་༽
སྐྱིད་པའི་རྩ་བ་༼ལ་༽ཚུགས་སོང་། ༼ལ་༽ གསུམ་སྒྲོན་མཉེས་ཐག་གནང་དང་།།
གླུ་གཅིག་གཏང་ཡོད་བདག་རས་གཏང་༼ལ་༽ཡོད། ལགས་སོ་བཞུས་པའི་ ༼ལ་༽ གཏང་ཡོད། ༼ལ་༽
གླུ་ལ་ནོར་འགྲུལ་༼ལ་༽ཡོད་ན། ༼ལ་༽ བཞུགས་གྲལ་དགོངས་པ་མ་ཚོམས།།