Senge karmo

ང་ཡར་འགྲོ་ང་ཡར་འགྲོ།
གངས་རིའི་རྩེ་ལ་འགྲོ།
སེང་གེ་དཀར་མོ།
སྐུ་གཟུགས་ཨེ་བདེ་བལྟ།
སེང་གེ་དཀར་མོ།
སྐུ་ཁམས་བདེ་མོ་འདུག
བུ་ང་ཡིས་དགའ་བའི་གླུ་ཞིག་ལེན།
བུ་ང་ཡིས་སྐྱིད་པའི་གླུ་ཞིག་ལེན།
ང་ཕར་འགྲོ་ང་ཕར་འགྲོ།
རྫ་རིའི་སྒང་ལ་འགྲོ།
འབྲོང་བྲེ་སེར།
སྐུ་ཁམས་ཨེ་བདེ་བལྟ།
འབྲོང་བྲེ་སེར།
སྐུ་ཁམས་བདེ་མོ་འདུག
བུ་ང་ཡིས་དགའ་བའི་གླུ་ཞིག་ལེན།
བུ་ང་ཡིས་སྐྱིད་པའི་གླུ་ཞིག་ལེན།
ང་མར་འགྲོ་ང་མར་འགྲོ།
མཚོ་མོའི་འགྲམ་ལ་འགྲོ།
ཉ་གསེར་མིག
སྐུ་ཁམས་ཨེ་བདེ་བལྟ།
ཉ་ཆུང་གསེར་མིག
སྐུ་ཁམས་བདེ་མོ་འདུག
བུ་ང་ཡིས་དགའ་བའི་གླུ་ཞིག་ལེན།
བུ་ང་ཡིས་སྐྱིད་པའི་གླུ་ཞིག་ལེན།

Please help transcribe the above text into English.

Please add 8 and 6.