Serchen Metok

གངས་ཅན་གསེར་གཞོང་ནང་དུ།
ཡིད་འཕྲོག་མེ་ཏོག་འགེངས་འདུག
ང་ཡིས་ཡིད་དབང་འཕྲོག་པའི།
གསེར་ཅན་མེ་ཏོག་མཐོང་བྱུང་།
རེ་འདོད་སེམས་ལ་འཆར་ཡང་།
ལག་པར་དར་ཅོག
སྨྲ་དགོས་སེམས་ནང་འཆར་ཡང་།
མགྲིན་པར་མཆིལ་མ་འགགས་བྱུང་།
དུས་ཀྱི་རླུང་པོས་དེད་སོང་།
ལོ་བཅུ་ཉེ་བར་ཕྱིན་སོང་།
ཡིད་འཕྲོག་སེར་ཅན་མེ་ཏོག
ཞལ་ཁ་ཕྱེ་བ་གནང་དང་།
བརྩེ་སེམས་མཇལ་དར་དཀར་པོ།
ལྷད་མེད་ཕྱག་ཏུ་ཕུལ་ཡོད།
རེ་བསྐུལ་གསེར་གྱི་གཉའ་ཤིང་།
ཁྱེད་ཀྱིས་འགྲུབ་པ་གནང་རོགས།

Please help transcribe the above text into English.

What is the sum of 7 and 9?