Thorang Kargen

གངས་ཅན་མགོན་པོའི་སྐུ་འདི།
རང་ཅག་བོད་རིགས་སྤུན་ཟླ།
རང་ཡུལ་རྒྱབ་ཏུ་བཞག་ཀྱང་།
ལོངས་སྤྱོད་མངའ་ཐང་འཛོམས་པ།
ཕྱི་དངོས་ཡར་རྒྱས་ཁོ་ནར།
འགྲན་བསྡུར་བྱས་ཏེ་བསྡད་ན།
འཕྲལ་གྱི་དཀའ་ངལ་སེལ་ཀྱང་།
ཕུགས་ཀྱི་བདེ་དོན་མི་སྒྲུབ།
སྔོན་བྱོན་ལོ་པཎ་དུ་མས།
ལྭ་དང་ལུང་པ་དམས་རོང་།
ཟམ་མེད་ཆུ་ཆེན་བརྒལ་ནས།
གཅེས་པའི་ལུས་སྲོག་བཏང་ནས།
ད་ལྟ་རང་རེའི་ཕ་མའི།
སུ་ལ་ངོམས་སུ་ཆོག་པའི།
བོད་ཀྱི་རྩ་ཆེན་རིག་གཞུང་།
གཅེས་སྲུང་མེད་པ་གང་ཡིན།
སྐྱིད་པའི་ཐང་དུ་རྒྱུགས་དུས།
བརྒྱལ་བའི་དྭོགས་པ་མེད་ཙང་།
མིག་གི་དབང་པོ་རྣམས་ཏེ།
བྱིས་པའི་ངང་ཚུལ་བྱས་ཀྱང་།
ལམ་འཕྲང་གཡང་རོངས་བརྒལ་སྐབས།
ཐུར་དུ་ཁ་སྦུབ་ལྷུང་ཏེ།
སྲོག་དང་བྲལ་ཉེར་ཐུག་དུས།
སུས་ཀྱང་བསླུ་ཐབས་ཨེ་ཡོད།
ཕྱི་ཡི་དངོས་པོའི་ཡར་རྒྱས།
ཇི་ཙམ་ཆེ་རུ་སོང་ཀྱང་།
གཏན་གྱི་མདུན་གྲོགས་བྱས་པ།
བདེ་སྐྱིད་ག་ལ་སྤེལ་ཐུབ།
ནང་གི་རིག་གནས་ཆུ་ཚད།
གོང་དུ་གཏོང་ཐབས་གནང་དང་།
ཡུལ་གྲུ་གང་དུ་སོང་ཀྱང་།
བསླུ་མེད་གཏན་གྱི་གྲོགས་བྱས།
༧རྒྱལ་བའི་བཀའ་དྲིན་བསྒྲུབ་ན།
གཞིས་བྱེས་བོད་མི་ཚང་མ།
རང་ཡུལ་ལུང་པར་འཛོམས་ནས།
སྐྱིད་པའི་འཚོ་བ་སྐྱེལ་ཆོག

Please help transcribe the above text into English.

What is the sum of 5 and 4?