Tsay wai Bhumo

ང་ཡི་བརྩེ་བའི་བུ་མོ།
མཛེས་པའི་རིག་འཛིན་དབང་མོ།
ཞལ་རས་དཀར་གསལ་ཟླ་བ།
སྐུ་གཟུགས་རྩྭ་རིའི་སྨྱུག་མ།
མདུན་བཟོ་ཡག་པའི་བུ་མོ།
རྒྱབ་བཟོ་མཛེས་པའི་བུ་མོ།
ཁྱེད་རང་མཇལ་བ་ཙམ་གྱིས།
བུ་ངའི་ཡིད་དབང་འཕྲོག་སོང་།
you are my heart, oh baby
ཁྱེད་ཀྱི་མཚར་སྡུག་འདི་ནི།
ལྡུམ་རྭའི་པདྨ་འདྲ་བྱུང་།
ཁྱེད་ཀྱི་བྱམས་སེམས་འདི་ནི།
ནམ་མཁའི་ཉི་མ་འདྲ་བྱུང་།
བུ་མོ་ཁྱེད་རང་མཇལ་བས།
སེམས་ཀྱི་སྡུག་བསྔལ་བསལ་སོང་།
ང་ཡི་བརྩེ་བའི་བུ་མོ།
མཛེས་པའི་རིག་འཛེན་དབང་མོ།
ཁྱེད་སེམས་གངས་ལས་དཀར་བ།
ངང་བརྒྱུད་ཆུ་ལས་རིང་བ།
བུ་ཆུང་ང་ཡི་སེམས་པ།
ཡོངས་སུ་ཁྱེད་ལ་ཤོར་སོང་།
ཁྱེད་དང་མཉམ་དུ་འགྲོགས་ན།
བདེ་སྐྱིད་ཕུན་སུམ་ཚོགས་པ།

Please help transcribe the above text into English.

Please add 6 and 1.