Tse Dung

བརྩེ་དུང་ཡིདནཆེས་མི་འདུག
ཁྱེད་རང་ང་ལ་མ་གསུངས།
སེམས་པའི་ནང་གི་བརྩེ་དུང་།
བུ་མོ་ཁྱེད་ལ་བུ་ངས་ཕུལ་ཡོད།
བརྩེ་དུང་དེ་ལ་ཡིད་ཆེས་མི་འདུག
ཁྱེད་རང་ང་ལ་དེ་འདྲས་མ་གསུང་།
སེམས་པའི་ནང་གི་བརྩེ་དུང་ཡོད་ཚེ།
བུ་མོ་ཁྱེད་ལ་ཕུལ་ཡོད།
ཡུན་རིང་་ག་ཚོད་ཕྱིན་ན་ཡང་།
བརྩེ་སེམས་དེ་ལ་འགྱུར་བ་མེད།
ས་ཕྱོགས་གང་དུ་སླེབས་ན་ཡང་།
ཁྱེད་རང་མ་དྲན་ཉིན་མོ་མེད།
ལུས་སེམས་ཁྱེད་ལ་ཕྲུལ་ཡོད།
ཡིད་ཆེས་ཁྱེད་ལ་བྱས་ཡོད།
ཡིན་ནའི་བྲལ་ནས་འགྲོ་དགོས།
རྒྱུ་མཚན་ང་ཡིས་ཞུ་ཆོག
ཡུན་རིང་མང་པོའི་རྗེས་སུ།
སྙིང་སྡུག་ཁྱེད་རང་མཇལ་དུས།
མིག་ཆུ་དབང་མེད་ཤོར་ཡང་།
དེ་ལམ་སྐྱིད་པ་མ་བྱུང་། 

Please help transcribe the above text into English.

Please calculate 8 plus 1.