Tsentsok

ཁང་གསར་ལ་མཚན་ཚོགས་ཁྲོད་དུ།
ཞབས་བྲོ་འཁྲབ་པར་ཕྱིན་པས།
ཕྱི་གླིང་གི་ཡུལ་ནས་ཕེབས་པའི།
བུ་མོ་བཛེས་ལྡན་ལྷ་མོ།
ཞལ་རས་བཇལ་བ་ཙམ་གྱིས།
སྙིང་ནས་དགའ་འཚོར་སྐྱེས་བྱུང་།
དགའ་གིས་ཞུས་ཀྱང་མ་ཐུབ།
མཚན་ཚོགས་ཡུལ་ཙམ་གྲོལ་སོང་།
མཛེས་ལྡན་ལགས།
མཛེས་ལྡན་ལགས།
ང་ཡི་སྙིང་གི་ལྷ་མོ།
ཉལ་བའི་རྨི་ལམ་ནང་ལ།
བུ་མོ་ཁྱེད་རང་འཁོར་གྱིས།
མདངས་ནས་མིག་གི་མདུན་དུ།
ཁྱེད་ཀྱི་ཞལ་རས་འཁོར་གྱིས།
ང་གཉིས་ལས་འཕྲོའི་བར་ལ།
དགོས་རྒྱུ་འདུན་པ་རྩེ་གཅིག་
མི་ཚེ་འགྱུར་བ་མེད་པར།
ཁྱེད་ཀྱིས་གནང་རོགས་གནང་དང་།

Please help transcribe the above text into English.

What is the sum of 7 and 1?