Yiwong Kyoed

སྐུ་གཟུགས་དངུལ་གྱི་མདོག་ཅན།
དབུ་སྐྲ་གསེར་གྱི་མདོག་ཅན།
བུ་མོའི་ཚོགས་ཀྱི་འོད་མདངས།
ཡིད་འོང་ཁྱེད་ཀྱིས་བཅོམ་སོང་།
ཁྱེད་རང་གང་དུ་ཕྱིན་ཀྱང་།
ཁྱེད་ཀྱི་གོམ་འགྲོས་འཇམ་པོས།
བརྙིས་པའི་མེ་ཏོག་རྣམས་ལ།
སླར་ཡང་ལང་ཚོའི་དཔལ་སྟེར།
ཁྱོད་ནི་རྡོ་རྗེ་ཕ་ལམ།
ཁྱོད་ནི་སུ་ལ་རག་ཀྱང་།
ཁོ་ནི་ཕྱུག་པོ་ཆགས་ངེས།
ཡིད་འོང་ཁྱོད་ཀྱི་བསོད་ནམས།
འཛུམ་ལྡན་ཁྱོད་ནི་རྟག་ཏུ།
གནོད་པ་བར་ཆད་མེད་པར།
ལོ་ནི་སྟོང་ཕྲག་བར་དུ།
འཛམ་བུའི་གླིང་དུ་བཞུགས་རོགས།

Please help transcribe the above text into English.

What is the sum of 5 and 4?